༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགྲོན་བརྡ་གནང་ཡོདཔ་བཞིན་དུ་ ལི་སོ་ཐོ་རྒྱལ་ཁབ་ཀྱི་རྒྱལཔོ་མཆོག་ ནངས་པ་ལས་འགོ་བཙུགས་ སྤྱི་ཟླ་༨ པའི་ཚེས་༢༧ ཚུན་ འབྲུག་ལུ་ རྒྱལ་ཁམས་ཀྱི་ གཟིགས་སྐོར་ནང་ བྱོན་ནི་ཨིན་པས།
ལི་སོ་ཐོ་གི་ རྒྱལཔོ་ལིཊ་སི་ཡ་དང་ རྒྱལ་བཙུན་ མ་སི་ན་ཊི་མོ་ཧ་ཊོ་སི་ཡ་སོ་ རྒྱལ་སྲསམོ་ སི་ན་ཊི་མ་ཧ་ཊོ་སི་ཡ་སོ་ དེ་ལས་ རྒྱལ་སྲསམོ་ མ་སི་ཡ་སོ་མོ་ཧ་ཊོ་སི་ཚུ་ཡང་ རྒྱལ་ཁབ་ནང་ བྱོན་ནི་ཨིན་པས།
སྐུ་འཁོར་ཚུ་དང་ཕྱག་ཞུ་སྟེ་ བློན་པོ་དང་ ལི་སོ་ཐོ་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ཡང་ འོང་ནི་ཨིན་པས།
གཟིགས་སྐོར་སྐབས་ མི་དབང་མངའ་ཞབས་མཆོག་གིས་ ལི་སོ་ཐོ་གི་རྒྱལཔོ་དང་ རྒྱལ་བཙུན་དང་གཅིག་ཁར་ མཇལ་འཕྲད་གནང་སྟེ་ ཕྱི་རུའི་ཚོགས་སྟོན་གྱི་ ལས་རིམ་ཅིག་ཡང་ ཡོདཔ་ཨིན་པས།
ཨཕི་རི་ཀ་རྒྱལ་ཁབ་ཀྱི་ དབུ་ཁྲིདཔ་གིས་ འབྲུག་ལུ་ རྒྱལ་ཁབ་ཀྱི་ གཟིགས་སྐོར་ནང་བྱོན་མི་དེ་ འགོ་དང་པ་ཨིན་པའི་གནས་ཚུལ།