སྤྱི་ཟླ་༧ པའི་ཚེས་༡ ལས་འགོ་བཙུགས་ཏེ་ རྫོང་ཁ་ཀུན་གསལ་གྱི་ཐོན་རིམ་ བདུན་ཕྲག་༡ ནང་ ཚར་༢ འབད་མི་དེ་ ཚར་རེ་སྦེ་ རེས་གཟའ་ཉི་མ་ལུ་རྐྱངམ་གཅིག་ པར་སྐྲུན་འབད་ནི་ཨིན་རུང་ ཉིན་བསྟར་བཞིན་དུ་ ཡོངས་འབྲེལ་འཆར་སྒོ་ https://kuenselonline.com ནང་ གནས་ཚུལ་དང་ གསལ་བསྒྲགས་ཚུ་ ཨ་རྟག་ཧར་ལུགས་སྦེ་ར་ གསལ་བཀོད་འབད་ནི་ཨིནམ་ལས་ འབྲེལ་ཡོད་ཡོངས་ཀྱིས་ ཐུགས་ཁར་བསྣམ་གནང་། ལོ་༡ གི་རིང་ རྫོང་ཁ་ཀུན་གསལ་མཁོ་མངགས་འབད་མི་ཚུ་གི་དོན་ལུ་ དུས་ཡུན་ཟླཝ་༦ ཕར་འགྱངས་འབད་ནི་ཨིན་ཟེར་ ཐུགས་ཀྱི་དྲན་གསོ་ཞུཝ་ཨིན།

Advertisement