སྤྱི་ཟླ་༤ པའི་ཚེས་༡༦ ལུ་ སྤུ་ན་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལུ་ ཕེབས་བསུ་ཞུ་ཡོདཔ་བཞིན་དུ་ གཞུང་གྲྭ་ཚང་གིས་ རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ནིའི་དོན་ལུ་ སྐུ་གསུང་ཐུགས་རྟེན་མནྜལ་ཕུལ་ཡོདཔ་ད་ རིན་པོ་ཆེ་མཆོག་གིས་ དེ་སྦེ་ཞབས་བཅགས་གནང་དགོ་པའི་ གནད་དོན་དེ་ཡང་ དཔལ་ས་སྐྱ་པ་དང་ དཀར་བརྒྱུད་ཀྱི་ ཆོས་བརྒྱུད་ཕན་ཚུན་༢ དུས་རབས་༡༧ པའི་ནང་ལས་ར་ འབྲེལ་བ་ལེགས་ཤོམ་ཡོད་ནི་དེ་གིས་ཨིནམ་ད་ ས་སྐྱ་ཁྲི་ཆེན་༢༤ པ་ འཇམ་དབྱངས་བསོད་ནམས་དབང་པོ་མཆོག་གིས་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་མཆོག་ལུ་ ཞབས་བརྟན་ཚུ་ ཕུལ་གནང་ཡོདཔ་ཨིན་པའི་གནས་ཚུལ།

Advertisement