ལུས་རྩལཔ་དང་ སློབ་སྟོན་པ་ཚུ་གི་ ཉེན་སྲུང་དོན་ལུ་ རྩེད་རིགས་ཉེན་བཅོལ་གསརཔ།

༉ ཁ་ཙ་ འགོ་འབྱེད་འབད་མི་ རྩེད་རིགས་ཉེན་བཅོལ་གསརཔ་དེ་གིས་ འབྲུག་ཨོ་ལིམ་པིག་ཚོགས་ཆུང་དང་གཅིག་ཁར་ འབྲེལ་མཐུན་ཡོད་མི་ ལུས་རྩལཔ་དང་ སློབ་སྟོན་པ་ དེ་ལས་ རྩེདམོ་གི་ཁྱད་རིགཔ་ཚུ་གི་དོན་ལུ་ ཁེ་ཕན་གཞན་ཚུ་གི་གྲངས་སུ་ སྨན་བཅོས་ཟད་འགྲོ་དང་ རྐྱེན་ངན་རྨ་སྐྱོན་ཚུ་ ཚུདཔ་ཨིན་པས། དེ་ཡང་ འབྲུག་ཉེན་བཅོལ་ཚད་འཛིན་གྱིས་ འབྲུག་ཨོ་ལིམ་པིག་ཚོགས་ཆུང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཉེན་བཅོལ་ལས་རིམ་དེ་ འགོ་བཙུགས་ཡོདཔ་ཨིན་པས། འབྲུག་ཉེན་བཅོལ་ཚད་འཛིན་གྱི་ གཙོ་འཛིན་བཀོད་ཁྱབ་འགོ་དཔོན་ དམ་དི་རྡོ་རྗེ་གིས་ སླབ་མིའི་ནང་ རྩེད་རིགས་ཉེན་བཅོལ་ འགོ་བཙུགས་མི་དེ་ དུས་མཐུན་ཨིནམ་མ་ཚད་ ལུས་རྩལཔ་དང་ རྩེདམོ་གི་ཁྱད་རིགཔ་ཚུ་ གཟུགས་ཁམས་ཡར་དྲག་གཏང་ནིའི་དོན་ལུ་ མདུན་སྐྱོད་ཁག་ཆེ་དྲགས་ཅིག་ཨིན་ཟེར་ཨིན་པས། ཉེན་བཅོལ་ལས་རིམ་དེ་གིས་ རྒྱལ་ཡོངས་དང་ རྒྱལ་སྤྱིའི་རྩེད་འགྲན་ལས་རིམ་ཚུ་ནང་ བཅའ་མར་གཏོགས་མི་ ལུས་རྩལཔ་ཚུ་གི་ ཉེན་བཅོལ་འབད་བའི་ཁར་ མིག་གིས་མ་མཐོང་པའི་ ཉེན་ཁ་ཚུ་ལས་ ཉེན་སྲུང་འབདཝ་ཨིན་ཟེར་ཨིན་པས། རྒྱ་སྐྱེད་ལས་འཆར་དོན་ལུ་ ཉེན་བཅོལ་རིམ་སྤྲོད་དེ་ ལོ་བསྟར་བཞིན་དུ་ མི་རེ་ལུ་ དངུལ་ཀྲམ་༤,༨༣༢ ཨིནམ་ད་ དེ་གིས་ རྐྱེན་ངན་བྱུང་བའི་སྐབས་ལུ་ དངུལ་ཀྲམ་༨༠༠,༠༠༠ དང་ སྨན་བཅོས་ཟད་འགྲོ་དོན་ལུ་ དངུལ་ཀྲམ་༢༠༠,༠༠༠ གནས་པའི་ ཉེན་བཅོལ་འབདཝ་ཨིན་པས། ཚད་ལྡན་འཆར་གཞི་དོན་ལུ་ […]

དམ་ཆུ་དང་ ཆུ་ཁ་བར་ནའི་ གཞུང་ལམ་རྒྱུན་སྐྱོང་དོན་ལུ་ དངུལ་ཀྲམ་ས་ཡ་༣༢༠ དགོས་མཁོ།

༉ དམ་ཆུ་དང་ ཆུ་ཁ་བར་ནའི་གཞུང་ལམ་ཁར་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ འཁོར་ལམ་བདའ་སྟེ་ འདམ་ཐོན་པའི་ཁར་ རྡོ་རྦོབ་རིལ་འོང་སྟེ་ འཁོར་ལམ་བསུབས་ཡོད་མི་དེ་ བསལ་ཚར་ཡོདཔ་བཞིན་དུ་ འཁོར་ལམ་བསལ་ནིའི་དོན་ལུ་ ས་བཅད་འཕྲུལ་ཆས་དང་...

ས་གནས་གཞུང་གི་འགོ་དཔོན་ཚུ་གིས་ རྒྱུ་དངོས་ཁྲལ་དང་ མི་སྟོབས་མ་ལང་པའི་ ཚ་གྱང་བཤད་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ ཐིམ་ཕུག་ལུ་སྦེ་ དངུལ་རྩིས་ལྷན་ཁག་ འཆར་གཞི་༡༣ པའི་ལག་ལེན་གྱི་ མཉམ་འབྲེལ་ཞལ་འཛོམས་སྐབས་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་...

གསལ་བསྒྲགས།

DGPC

རྫོང་ཁའི་ནང་ གཙུག་ལག་ཁྱད་རྩལ་མཐར་འཁྱོལ་མི་ སློབ་དཔོན་ཚུ་གིས་ འབྲིང་རིམ་སློབ་གྲྭ་ཚུ་ནང་སློབ་སྟོན།

༉ སྤྱི་ཟླ་༧ པའི་ཚེས་༤ ལུ་ ཤེས་རིག་དང་རིག་རྩལ་ལྷན་ཁག་གིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ དམིགས་བསལ་དུ་ རྫོང་ཁའི་ནང་ གཙུག་ལག་ཁྱད་རྩལ་ཤེས་ཡོན་མཐར་འཁྱོལ་མི་ སློབ་དཔོན་ཚུ་ འབྲིང་རིམ་སློབ་གྲྭ་འོག་མ་དང་...

གཞུང་གིས་ མ་རྩ་གཞི་བཙུགས་འབད་མི་ལུ་བརྟེན་ དཔལ་འབྱོར་བརྒྱ་ཆ་༨.༩ ཡར་འཕར་འགྱོ་ནི།

༉ སྤུ་ན་གཙང་ཆུ་གློག་མེ་༢ པ་གིས་ གློག་ཤུགས་ཐོན་སྐྱེད་འབད་ནི་དང་ བཟོ་གྲྭ་དང་བཟོ་སྐྲུན་ལས་སྡེ་ དེ་ལས་ ལྟ་བཤལ་དང་འབྲེལ་བའི་ བཟོ་གྲྭ་ཁང་ཚུ་ གོང་འཕེལ་འགྱོ་བ་ཅིན་ ཤུལ་མའི་ལོ་ནང་ རྒྱལ་ཁབ་ཀྱི་...

རྒྱལ་ཁབ་ནང་ སྦྱང་གི་ཐོན་སྐྱེད་ མང་སུ་འབད་དོ་ཡོདཔ།

༉ སྤྱི་ལོ་༢༠༡༤ ལུ་ བུམ་ཐང་ལྕམ་མཁར་ཁྲོམ་ལས་ ཀི་ལོ་མི་ཊར་དག་པ་ཅིག་གི་ ས་གནས་ནང་སྡོད་མི་ སྐྱེས་ལོ་༤༣ ལང་མི་ པཱ་དམ་བྷ་དུར་ རའེ་གིས་ ཁོ་རའི་ཁྱིམ་ནང་...

ཁ་ཙ་ མི་དབང་རྒྱལ་བཙུན་རྣམ་༢ ཐིམ་ཕུག་ལུ་ ལོག་ཕེབས་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མོང་གོ་ལི་ཡ་ལུ་ རྒྱལ་ཁམས་གཟིགས་སྐོར་གནང་པའི་ཤུལ་ལས་ ཁ་ཙ་ ཐིམ་ཕུག་ལུ་ ལོག་ཕེབས་གནང་ཡི། མོང་གོ་ལི་ཡ་གི་ ཕྱི་འབྲེལ་བློན་པོ་ བཱཊ་མུངཀ་...

པར་སྲུང་།

ཁ་ཙ་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་མཆོག་གིས་ སློབ་དཔོན་པདྨ་རྒྱལ་མཚན་ལུ་ ཡོན་ཏན་དྲུང་ཆེན་གསར་པའི་ བཀྲ་ཤིས་ལེགས་དར་གནང་ཡོདཔ་ད་ ད་ལྟོའི་ གོ་གནས་མ་བཞེས་པའི་ཧེ་མར་ གཞུང་གྲྭ་ཚང་གི་ རྟེན་སྲུང་མདོ་ཆེན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

ཉེན་སྲུང་གི་ ཚ་གྱང་ལུ་དམིགས་ཏེ་ གནས་སྐབས་ཅིག་གི་རིང་ གྲུ་ཆུང་གཏང་ནི་ བཀག་ཆ་འབད་ཡོདཔ།

༉ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་གིས་ གནམ་བྱཱར་གྱི་དུས་ཚོད་ཁར་ སྔོན་བཤད་འབད་མ་ཚུགས་པའི་ ཉེན་ཁ་ཡོད་མི་དང་ ཉེན་སྲུང་གི་དོན་ལུ་དམིགས་ཏེ་ གནས་སྐབས་ཅིག་གི་རིང་ གཙང་ཆུ་བདའ་སྟེ་ གྲུ་ཆུང་གཏང་ནི་ཚུ་ བཀག་ཆ་འབད་ཡོདཔ་ཨིན་པས། གྲོས་ཆོད་དེ་ཡང་...

གཞུང་གིས་ ཁས་བླངས་ཚུ་འགྲུབ་ནི་ལུ་ སྤྱི་ཚོགས་ཀྱི་དབང་ཚད་ ལག་ལེན་འཐབ་ཚུགས་ག?

༉ རང་སོའི་ དབང་ཚད་ཚད་དང་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ཚུ་ལུ་ བརྩི་བཀུར་འབད་དགོ་མི་ལུ་བརྟེན་ གཞུང་གིས་ ཁས་བླངས་ལ་ལོ་ཅིག་འགྲུབ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ལ་ལོ་ཅིག་གིས་ སྤྱི་ཚོགས་ཀྱི་དབང་ཚད་...

གཟའ་སྐར།

རང་ཟླ་༦ པའི་ཚེས་༩། སྤྱི་ལོ་༢༠༢༤ ཟླ་༧ པའི་ཚེས་༡༥། རེས་གཟའ་མིག་དམར། སྐར་མ་ནག་པ།ལྕགས་འབྲུག་དང་ ཉིན་མའི་ཆུ་ཚོད་༡ དང་སྐར་མ་༣༧ ལས་ཆུ་སྦྲུལ། རྟེན་འབྲེལ་མིང་གཟུགས།...

ཨིསི་པེན་སྡེ་ཚན་གྱིས་ ཡུ་རོ་པི་ཡེན་རྒྱལ་རྟགས་ཐོབ་ཡོདཔ།

༉ སྤྱི་ལོ་༢༠༢༤ གི་ ཡུ་རོ་པི་ཡེན་རྒྱལ་རྟགས་དེ་ མཐའ་བཅད་འགྲན་བསྡུར་ནང་ ཨིས་པེན་རྒྱལ་ཁབ་ཀྱི་ སྡེ་ཚན་དང་ ཨིང་ལེནཌ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་བའི་ཤུལ་ལུ་ ཨིས་པེན་སྡེ་ཚན་གྱིས་ གཱོལ་༢...

Advertisement