གོང་འཕེལ་ཆུང་བའི་ ལས་འགུལ་གནང་བྱིན་འཆར་དངུལ་ལུ་ ལྡོག་ཕྱོགས་ཀྱིས་ དཀའ་ངལ་མེད་པའི་དོགས་སེལ།
January 14th, 2025
༉ གཞུང་གིས་ རྒེད་འོག་དང་ ཁྲོམ་སྡེ་ དེ་ལས་ རྫོང་ཁག་ཚུ་ནང་ གོང་འཕེལ་ཆུང་བའི་ལས་འགུལ་གནང་བྱིན་ལུ་ འཆར་དངུལ་བཞག་མི་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ ཕྱོགས་རིས་ཡོད་པའི་ ཚ་གྱང་ཡོད་ལུགས་བཤད་མི་དེ་ གསལ་སྟོན་འབད་ཡོདཔ་སྦེ་ཨིན་པས། ལྡོག་ཕྱོགས་ཚོགས་པའི་འཐུས་མི་གིས་ བཤད་མིའི་ནང་ གཞུང་གིས་ གོང་འཕེལ་ཆུང་བའི་ལས་འགུལ་གནང་བྱིན་ལུ་ ངལ་རངས་བྱུང་མ་ཚུགསཔ་ལས་ བསྐྱར་ཞིབ་འབད་དགོ་པའི་སྐོར་ལས་ ཡི་གུ་ཕུལ་ཡི་ཟེར་ཨིན་པས། སྒང་ཟུར་- སྨིན་རྗེ་གི་འཐུས་མི་ བློ་གྲོས་ཚེ་བརྟན་གྱིས་ བཤད་མིའི་ནང་ གནད་དོན་དེ་གི་ཐོག་ལུ་ གྲོས་ཐག་བཅད་ཅི་ཟེར་ཨིནམ་ད་ དེ་ཡང་ ས་གནས་གཞུང་ག་ར་གིས་ ཆ་སྙོམས་ཐོག་ལུ་སྦེ་ ལོ་ལྔའི་འཆར་གཞི་༡༣ པའི་ནང་ འཆར་དངུལ་ཚུ་ འདྲ་མཉམ་ཐོབ་ཚུགས་ནི་དང་ རྒེད་འོག་རེ་གིས་ དངུལ་ཀྲམ་ས་ཡ་༣༤ རེ་ འཐོབ་ནི་ཨིན་པས། ཁོ་གིས་ བཤད་མིའི་ནང་ མི་སེར་དང་ རྒེད་འོག་ག་ར་ ད་རེས་གྲོས་ཐག་བཅད་མི་ གྲུབ་འབྲས་ལུ་བལྟ་སྟེ་ ངལ་རངས་བྱུང་ནུག་ཟེར་ཨིན་པས། སྤྱི་ཟླ་༡༠ པའི་ནང་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་གི་ཁ་ཐུག་ལས་ གོང་འཕེལ་ཆུང་བའི་ལས་འགུལ་ གནང་བྱིན་སྐོར་ལས་ ཚ་གྱང་ཡོད་ལུགས་ཀྱི་ ཡི་གུ་བྲིས་ཡོདཔ་བཞིན་དུ་ ཡི་གུའི་ནང་ འདེམས་ཁོངས་ཚུ་ནང་ ལྡོག་ཕྱོགས་དང་ གཞུང་སྐྱོང་བར་ན་ […]
སོ་ནམ་གྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་བགོ་བཤའ་ ཡར་སེང་སོང་རུང་ ལཱ་གཡོག་མར་བབས།
January 14th, 2025
༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་༢༠༢༤ དང་འཁྲིལཝ་ད་ འདས་པའི་ལོ་༥ འི་རིང་ སོ་ནམ་གྱིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལྷན་འདེབས་འབད་མི་དེ་ ཡར་སེང་སོང་སྟེ་ཡོད་རུང་ ལས་སྡེ་དེ་ནང་...
དཔལ་འབྱོར་ལྷན་ཐབས་མ་དངུལ་ལས་ ཕབ་ཆག་ཅན་གྱི་སྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་༢༧༠ མ་ལངམ་ཅིག་འཛིན་གྲོལ།
January 14th, 2025
༉ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༣༡ ནང་འཁོད་ལུ་ འབྲུག་གོང་འཕེལ་དངུངལ་ཁང་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་ ལས་རིམ་འོག་ལས་ ཕབ་ཆག་ཅན་གྱི་ སྐྱིན་འགྲུལ་དོན་ལུ་ ཡི་གུ་བཙུགས་མི་༥༤༦...
བསམ་ལྗོངས་མཉམ་འབྲེལ་ལས་སྡེ་གིས་ དབུལ་ཕོངས་མར་ཕབ་དང་ ལཱ་གཡོག་གི་གོ་སྐབས་བཟོ་ནི།
January 13th, 2025
༉ དབུལ་ཕོངས་མར་ཕབ་དང་ ལཱ་གཡོག་གི་གོ་སྐབས་བཟོ་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་ བསམ་ལྗོངས་མཉམ་འབྲེལ་ལས་སྡེ་གིས་ ས་གནས་ཀྱི་སོ་ནམ་པ་ཚུ་ལུ་ ཁོང་རའི་ཐོན་སྐྱེད་ཚུ་ ག་དེ་སྦེ་ ཚོང་འབྲེལ་འཐབ་ནི་ཨིན་ན་དང་ ཁེབ་ས་ལེགས་ཤོམ་འཐོབ་ཚུགས་པའི་གུ་ ཡུན་བརྟན་གྱི་དོན་ལུ་...
སྤྱི་ལོ་༢༠༢༤ ལུ་ ཁྲིམས་འགལ་གྱི་ བྱ་ངན་གནད་དོན་༢༠༠ ལུ་ མར་བབས་སོང་ཡོདཔ།
January 13th, 2025
༉ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་འཁྲིལ་བ་ཅིན་ འདས་པའི་ལོ་དང་ཕྱདཔ་ད་ རྒྱལ་ཁབ་ནང་ བྱ་ངན་འབད་མིའི་གནས་ཚད་དེ་ བརྒྱ་ཆ་༨.༥ དེ་ཅིག་ མར་བབས་སོང་ཡོདཔ་སྦེ་ཨིན་པས། ན་ཧིང་ ཁྲིམས་འགལ་འབད་མི་ གནད་དོན་༢,༡༥༣...
སྨྱོ་རྫས་ཀྱི་སྲིད་བྱུས་ལུ་ ལོག་བལྟ་དགོཔ་ མ་རན་ག?
January 13th, 2025
༉ གཞུང་གིས་ རྒྱལ་ཁབ་ནང་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་ཡར་འཕར་སོང་མི་དེ་ སེལ་ཐབས་དོན་ལུ་ ཁྲིམས་ལུགས་དམ་སྒྲིང་དང་ ངེས་པར་དུ་ སྨན་བཅོས་འབད་དགོ་པའི་ ལས་རིམ་འགོ་བཙུགས་ཡོད་རུང་ དེ་གིས་...
འཁོར་ལོ་ཆུ་གློག་མེ་ལས་འགུལ་གྱི་ ཁག་འབག་གན་ཡིག་ཚུ་གུ་ མཚན་རྟགས་བཀོད་ཡོདཔ།
January 13th, 2025
༉ སྤྱི་ཟླ་དང་པའི་ཚེས་༡༠ ལུ་ གློག་ཤུགས་མེ་ག་ཝཱཊ་༦༠༠ འབད་མི་ འཁོར་ལོ་ཆུ་གློག་མེ་ལས་འགུལ་(ཀེ་ཨེཆི་པི་ཨེལ་)གྱི་ བཀོད་ཚོགས་ཀྱིས་ བཀྲིས་གཡང་རྩེ་ལུ་སྦེ་ འགོ་དང་པ་ ཡོངས་ཁྱབ་ཞལ་འཛོམས་འཚོགས་པའི་སྐབས་ ཆུ་མཛོད་དང་...
ཨུ་མཛོ་རོང་རྒེད་འོག་སྡེ་ཚན་གྱིས་ སྤྱི་ལོ་༢༠༢༤ གི་ འབྲུག་དབང་རྒྱལ་རང་ལུགས་སྤག་ཤིང་གི་ མདའ་རྩེད་འགྲན་བསྡུར་ནང་ལས་ རྒྱལ་རྟགས་ཐོབ་ཡོདཔ།
January 12th, 2025
༉ སྤྱི་ལོ་༢༠༢༤ གི་ འབྲུག་དབང་རྒྱལ་རང་ལུགས་སྤག་ཤིང་གི་ མདའ་རྩེད་འགྲན་བསྡུར་ནང་ལས་ ད་རིས་ ཨུ་མཛོ་རོང་རྒེད་འོག་སྡེ་ཚན་གྱིས་ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་གི་སྡེ་ཚན་ ཕམ་བཏང་སྟེ་ རྒྱལ་རྟགས་ཐོབ་ཡོདཔ་ཨིན་པས།...
ཊིག་ཊོག་གི་ འགོ་དཔོན་༢ ཀྱིས་ མཉམ་འབྲེལ་གྱི་དོན་ལུ་ འབྲུག་ལུ་ལྟ་སྐོར།
January 11th, 2025
༉ ལྷོ་ཨེ་ཤི་ཡ་ཡིག་ཚང་ལས་ ཊིག་ཊོག་གི་ འགོ་དཔོན་༢ ཀྱིས་ སྤྱི་ཟླ་༡ པའི་ཚེས་༧ ལས་༩ ཚུན་ འབྲུག་ལུ་ལྟ་སྐོར་ལུ་འོང་ཡོདཔ་ད་ དེ་ཡང་...
སྣང་འཆར།
January 11th, 2025
ནགས་ཚལ་མེ་རྐྱེན་ སྔོན་འགོག་འབད་ནི་དེ་ སྤྱི་རུབ་ཀྱི་འགན་ཁུར། ༉ གནམ་དགུན་གྱི་དུས་ཚོད་འདི་ ནགས་ཚལ་མེ་རྐྱེན་ཤོར་ནིའི་ དུས་ཚོད་ངོ་མ་ཅིག་ཨིནམ་བཞིན་དུ་ འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ ཐིམ་ཕུག་གི་ བྱང་ཁ་ཐུག་ལུ་ཡོད་པའི་ ནཱ་རོ་རྒེད་འོག་ནང་...
སོ་ནམ་དང་སྒོ་ནོར་ལྷན་ཁག་གིས་ རེད་ཀྱི་ཐོན་སྐྱེད་ རང་ལྡང་བརྒྱ་ཆ་༣༠ ལུ་ དམིགས་གཏད་བསྐྱེད་ཡོདཔ།
January 11th, 2025
༉ སོ་ནམ་དང་ སྒོ་ནོར་ལྷན་ཁག་གིས་ འཆར་གཞི་༡༣ པའི་ནང་ རྒྱལ་ཁབ་ཀྱི་ རང་འཚོ་རང་ལྡང་བཟོ་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡.༢༧༩ དམིགས་བསལ་སྦེ་ བཞག་ཡོདཔ་ཨིན་པས། དམིགས་ཡུལ་དེ་ཡང་...